2023-05-10 14:56:27
在
这行第一个字前面插入音乐,然后删除文字
2018
ཁ་ཆད།
约定
ཚིག རྩམ་ཟན་འཁྱམ་པོ།
词:赞斯羌卟
དབྱངས། བློ་བཟང་།
曲:洛桑
ལེན་མཁན། པད་མ་འོད་ཟེར། ཆོས་འཛིན།
演唱:白玛伟色 曲增
ཚིག་འདི་དོན་མེད་མ་རེད། །
དབྱངས་འདི་སྙན་མེད་མ་རེད། །
ང་དང་སྒྲ་སྙན་འབྲུག་མགོ །
གྲགས་ས་ཁ་བའི་ལྗོངས་རེད། །
ཁུ་བྱུག་ཡིན་ན་སྒྲོགས་ཤོག །
འཇོལ་མོ་ཡིན་ན་གྱེར་ཤོག །
ཁུ་བྱུག་འཇོལ་མོའི་བརྩེ་གླུ །
རྒྱ་རྫོང་ནགས་ནས་གྲགས་ཆོག །
གླུ་འདི་ཁེར་ལེན་མ་ཡིན། །
བྲོ་འདི་ཁེར་འཁྲབ་མ་ཡིན། །
ང་དང་འདང་ཆེན་སྤུན་གྲོགས། །
འཛོམ་རྒྱུ་ཁ་ཆད་བྱས་ཡོད། །